དབྱིན་ཇིའི་ཚན་རིག་དུས་དེབ《རང་བྱུང》གི་སྟེང་ཏུ“རིམ་འདས”གཞི་རྒྱུ་དབྱེ་ཞིབ་བྱས་ཡོད།
《རང་བྱུང》ཞེས་པའི་ཚན་རིག་དུས་དེབ་ཀྱི་སྟེང་བཀོད་པའི་དཔྱད་འབྲས་ལྟར་ན།ལོ་ངོ་ཁྲི་ཉིས་བརྒྱ་ལྷག་གི་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད།ནོར་གནག་གི་ལུས་ཁམས་ཀྱི་འགྱུར་ལྡོག་དེ་ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་རང་བྱུང་ཁོར་ཡུག་དང་འཕྲོད་ཡོད་པར་མ་ཟད།གཞི་རྒྱུའི་ཚད་ལེན་གོ་རིམ་བརྒྱུད་རྗེས་ནོར་གནག་ལ་ཁྱད་པར་ཅན་གྱི་གཞི་རྒྱུ་ཡོད་པ་རྟོགས།དེ་ཡིས་ལོན་པའི་ནུས་ཚད་ཀྱི་ལས་ཆོད་སྔར་ལས་མཐོ་བ་དང་ཆབས་ཅིག དབྱང་རླུང་བཀོལ་སྤྱོད་བྱེད་པའི་ཕན་ནུས་སྔར་ལས་ཆེ་བ་ཡིན་ལ།གྲང་ངར་དང་དབྱང་རླུང་མི་འདང་པ་སོགས་ཀྱང་འགོག་ཐུབ།དེར་བརྟེན་ནོར་གནག་ལ་གངས་ལྗོངས་ས་མཐོའི“ཚེ་སྲོག་གི་གྲུ་གཟིངས”ཞེས་བརྗོད་ཀྱིན་ཡོད།
འཇའ་པན་གྱི《གསེར་ཉ》ཞེས་པའི་དུས་དེབ་ཀྱི་སྟེང་ནོར་གནག་ལ་ཞིབ་འཇུག་བྱེད་པའི་ཁྲོད་སྤུ་མདོག་མི་འདྲ་བའི་ནོར་གནག་གི་མིང་བཀོད་ཡོད། གཡོན་ཕྱོགས་སུ་དེད་ཚེ་དེ་ལས་ལྷག་པའི་བརྗོད་བྱ་མང་པོ་ཀློག་ཐུབ།
འཇར་པན་གྱི《གསེར་ཉ》ཞེས་པའི་དུས་དེབ་ཀྱི་སྟེང་འབྲི་གཡག་གི་རྭ་དབྱིབས་མི་འདྲ་བའི་མིང་བཀོད་ཡོད། ཨོ་སི་ཁྲུ་ལེ་ཡའི་སྐྱེ་ལྡན་ཕྱུགས་ལས་ཀྱི་གཏོར་གཟུགས་མཆོད་རྟེན་གྱི་རྩེར་ཡོད་པའི་ནོར་གནག
བོད་ཁུལ་དུ་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་པའི་ནོར་གནག་ལ་ཉུང་མཐར་ཡང་རང་བྱུང་རྩྭ་ར་མུའུ༢༥ཡོད་པ་རེད།དེ་ཡིས་ནོར་གནག་ཚད་བརྒལ་འཚོ་སྐྱོང་བྱས་ནས་རྩྭ་ར་ཉམས་ཞན་དུ་འགྲོ་བར་སྔོན་འགོག་བྱས་པ་མ་ཟད།ས་མཐོའི་འབྲོག་རའི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་ཅན་དུ་འགྱུར་བར་ཡང་ཕན་པ་ཡོད།དེ་དང་མཉམ་དུ་ནོར་གནག་ལ་རང་བྱུང་བཟའ་ཆས་ཀྱི་འབྱུང་ཁུངས་འདང་ངེས་ཤིག་ཡོད་པར་ཁག་ཐེག་བྱས།
བོད་ཁུལ་གྱི་ནོར་གནག་ནི་རང་བྱུང་གི་འཚོ་གནས་ཁོར་ཡུག་དང་རི་སྐྱེས་ཕྱེད་ཙམ་གྱི་གསོ་སྤེལ་བྱེད་སྟངས་ལ་བརྟེན་ནས་འཚོ་སྐྱོང་བྱེད་བཞིན་ཡོད་པ་རེད།ཨོ་སི་ཁྲུ་ལེ་ཡའི་སྐྱེ་ལྡན་འབྲོག་ལས་རིམ་དབྱེའི་གཏོར་གཟུགས་མཆོད་རྟེན་གྱི་རྩེ་མོར་ལངས་པས“གདོད་མའི་སྐྱེ་ལྡན་ཐོན་རྫས”ཞེས་བརྗོད་ཀྱིན་ཡོད།
ཨོ་ཏ་ལེ་ཡའི་སྐྱེ་ལྡན་ཕྱུགས་ལས་རིགས་དབྱེའི་གཏོར་གཟུགས་མཆོད་རྟེན།
འབྲིའི་འོ་མ་ནི་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས“རིམ་འདས་སྐྱེ་ལྡན་བཟའ་བཅའ”ཞེས་བརྗོད་ཀྱིན་ཡོད།
ཨ་རིའི་འོ་རྫས་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་།ཨ་རིའི་ཝེ་སི་ཁང་ཤིང་སློབ་ཆེན། ( University of Wisconsin- Madison)བཟའ་བཅའ་ཚན་རིག་གླིང་གི་ཀྲུའུ་རེན་Dr.ScottRankinགིས་༢༠༡༡ལོའི་ཟླ༩པར་སི་ཁྲོན་ཁྱུང་མཆུ་རྫོང་གི་འབྲི་གཡག་ཐོན་ཁུངས་ལ་དངོས་སུ་ཡུལ་དངོས་རྟོག་ཞིབ་བྱས་རྗེས་སྔོ་ཚལ་དང་ཤིང་ཏོག་ཅུང་ཉུང་བའི་བོད་ཁུལ་དུ་ འབྲིའི་འོ་མ་གཙོ་བོར་བྱས་པའི་བཟའ་བཏུང་གི་གྲུབ་ཆ་དེས་ས་གནས་དེ་གའི་འབྲོག་པའི་འཚོ་བཅུད་ཀྱི་དགོས་མཁོ་བསྐངས་ཡོད་པ་དང་ཆབས་ཅིག མཚོ་བོད་ས་མཐོའི་ཡ་ང་བའི་རང་བྱུང་ཁོར་ཡུག་དང་ཧ་ཅང་འཚམ་པོ་ཡོད་པར་བསམ།
དགེ་རྒན་ཆེན་མོRankinཡིས་ཞིབ་འཇུག་བྱས་པ་ལྟར་ན།མཚོ་ངོས་མཐོ་ཚད་མཐོ་བ་ཡིས་ནོར་གནག་གི་འོ་མའི་ནང་གི་ཚིལ་སྐྱུར(不饱和脂肪酸)དང་གོང་འུ་ཡའི་སྣུམ་སྐྱུར(共轭亚油酸)འདུས་ཡོད་པ་དང་། དེའི་ནང་དུ་འདུས་པའི་ཨན་གཞི་སྐྱུར(氨基酸)དང་། ཀེ(钙) འཚོ་བཅུདAདང་ཐེ(铁)སོགས་ཀྱི་འདུས་ཚད་སྤྱིར་བཏང་གི་འོ་མ་ལས་མཐོ་བ་རེད།དངོས་བཤེར་ཞིབ་འཇུག་བྱས་པ་ལྟར་ན།ནོར་གནག་གི་འོ་མའི་ནང་དུ་ཀ་ར་ཉུང་བའི་གྲུབ་ཆ༥༨ཡོད་པ་དང་།དེའི་ཁྲོད་ནོར་གནག་གི་འོ་མར་འདུས་པའི་གོང་འུ་ཡའི་སྣུམ་སྐྱུར(共轭亚油酸)ལ་འབྲས་སྐྲན་འགོག་པའི་ནུས་པ་ལྡན་པར་མ་ཟད། རིམས་འགོག་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ལུས་པོ་རྒྱགས་པར་འགྲོ་བ་ལ་སྔོན་འགོག་བྱེད་ཐུབ།
དགེ་རྒན་ཆེན་མོRankinདང་འབུམ་རམས་པ་ཆོས་བཟང་གིས་ནོར་གནག་གི་འོ་མ་དང་ཙི་གུའི་མཆིན་པའི་འབྲས་སྐྲན་གྱི་ཕྲ་ཕུང་གཉིས་མཉམ་དུ་གསོ་སྐྱོང་བྱས་པ་དང་།དངོས་བཤེར་ལས་ཤེས་རྟོགས་བྱུང་བ་ལྟར་ན།འབྲི་མོའི་འོ་མའི་ཁྲོད་ནས་བླངས་པའི་བྱེད་ལས་ཚོགས་པས་འབྲས་སྐྲན་ཕྲ་ཕུང་གི་སྐྱེ་འཚར་ལ་ཚོད་འཛིན་གྱི་ནུས་པ་ཆེན་པོ་ལྡན་པ་རེད།
གཞན་ཡང་དགེ་རྒན་ཆེན་མོRankinཡིས་ཞིབ་འཇུག་བྱས་པ་ལྟར་ན།ནོར་གནག་གི་འོ་མའི་ཁྲོད་ཀྱི་ཚིལ་སྐྱུར་ལ་(不饱和脂肪酸)ཁྲག་ཚིལ་སྙོམས་སྒྲིག་དང་ཁྲག་རེང་གཙང་སེལ།ལུས་ཁམས་ཀྱི་རིམས་འགོག་གི་ནུས་པ་ཇེ་ཆེར་གཏོང་བ། མཐོང་ཤུགས་ཇེ་མཐོར་གཏོང་བ།ཀླད་པ་གསོ་བ།གྲུམ་ནད་ལེགས་སུ་གཏོང་བ་སོགས་ཀྱི་ཕན་ནུས་ལྡན་པ་རེད།
སྦགས་བཙོག་མེད་པའི་སྣོད་བཅུད་ཁོར་ཡུག་གིས་འབྲིའི་འོ་མ་ལ་རང་བྱུང་དང་ལྗང་མདོག་གི་འཚོ་བཅུད་ལྡན་པར་འགན་ལེན་བྱས་ཡོད་པས།ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དེ་ལ“རིམ་འདས་སྐྱེ་ལྡན་ཟས་རིགས་”ཞེས་ཟེར།བོད་ཀྱི་རིག་གནས་དང་མཉམ་འདྲེས་གཞི་གཅིག་ཏུ་འདུས་པའི་འབྲིའི་འོ་མའི་རིག་གནས།
ཐེངས་ཤིག་ལ།ངས་ཕྱི་གླིང་བ་ཞིག་ཁྲིད་ནས་ཡུལ་ལ་ཡོང་།ཕྱི་གླིང་པ་ཞིག་དང་མཉམ་དུ་ང་ཚོས་སྦྲ་གུར་ནང་ཇ་འཐུང་བའི་སྐབས་སུ།ཨ་མས་ང་ཚོར་འོ་མ་སྟེར་སྐབས་སེམས་ཆུང་མ་བྱས་པར་ས་ལ་འགྱེལ།ཨ་མས་སེམས་སྡུག་ཆེན་པོ་བྱས་ནས་ཐང་ན་འཁྱིལ་ཡོད་པའི་འོ་མ་དེ་མགོ་ལ་བསྐོས།ཕྱི་གླིང་བ་དེའི་ནང་དོན་ཅི་ཞིག་ཡིན་པ་ཧ་མ་གོ་པས།ཨ་མས་བཤད་དོན།འོ་མ་འདི་བེའུ་ཡིས་འཐུང་དགོས་བ་རེད།ང་ཚོའི་འཚོ་གནས་ཀྱི་ཆེད་དུ།ང་ཚོར་འདི་འཐུང་ཆོག་པའི་དབང་ཆ་ཅུང་ཙམ་ཡོད་མོད།འོན་ཀྱང་ཆུད་ཟོས་སུ་གཏོང་བའི་དབང་ཆ་མེད།
——དགེ་རྒན་དཔལ་བཟང་གིས་ཕྱིར་དྲན་བྱས། འབྲིའི་འོ་མ།གངས་ལྗོངས་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས། བོད་མི་རྣམས་ཀྱིས་ཆུང་དུས་ནས་འབྲིའི་འོ་མ་འཐུང་བ་དང་ཐ་ན་འབྲིའི་འོ་མས་ཨ་མའི་ནུ་མའི་ཚབ་བྱེད་ཀྱིན་ཡོད།ལྷད་མེད་ཀྱི་འབྲི་མོའི་འོ་མས་བྱིས་པའི་རུས་པ་དང་མཐོང་བྱེད་དབང་རྩ་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ཐུབ་པ་དང་ཆབས་ཅིག འབྲིའི་འོ་མ་དེ་བོད་རིགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།ཞོགས་པའི་འོ་ཇ།མར་དང་ཕྱུར་བ།དེ་བཞིན་དགུང་མོ་གཉིད་དུ་ཡུར་བའི་སྐབས་ཀྱི་འབྲི་ཞོ་སོགས་ནི་འབྲིའི་འོ་མ་ལས་བྱུང་བ་ཡིན།རྒན་རབས་པ་རྣམས་ཀྱིས་ཐ་ན་ཁ་བས་གནོད་པའི་མིག་གི་ནང་དུ་འབྲིའི་འོ་མ་གཏུག་ནས་ན་ཟུག་ཞི་འཇགས་སུ་གཏོང་བ་དང་ཡང་ན་འབྲི་ཞོ་ངོ་གདོང་ལ་བྱུགས་ནས་ཉི་འགོག་བྱེད་བཞིན་ཡོད་པ་རེད།
བཟའ་འཐུང་ལ་བཀོལ་བ་ལས་གཞན།འབྲི་མོའི་འོ་མ་ནི་རང་བྱུང་གི་ཐུན་མོང་མ་ཡིན་པའི་ཁ་དོག་དང་རྒྱུ་སྤུས་ཡིན་པས།བོད་ཀྱི་རིག་གནས་ཁྲོད་མཛེས་སྡུག་དང་དྭངས་གཙང་གི་ནང་དོན་ལྡན་པ་རེད།ཆོས་ལུགས་སྣ་ཚོགས་དང་མཛད་སྒོ་གལ་ཆེན་སོགས་ཀྱི་ནང་དུ་དེ་དག་འབུལ་རྟེན་རྩ་ཆེན་དུ་བརྩི་བ་དང་། དཔེར་ན་བསང་གཏོང་བ་དང་ཆོས་འདོན་སྐབས་འབྲི་མོའི་འོ་མ་གནམ་ལ་ཕུལ་ནས་གསོལ་བ་འདེབས་པ། དགེ་འདུན་པ་རྣམས་ལ་བསུ་བ་ཞུ་སྐབས་ཁོང་ཚོའི་ཕྱོགས་སུ་འོ་མ་གཏོར་ནས་དགའ་བསུ་ཞུ་རྒྱུ་དང་།བུ་མོ་གནས་ལ་འགྲོ་སྐབས། ཨ་མས་ཀྱང་བུ་མོ་ཁྱིམ་ནས་ཁ་བྲལ་རྗེས་འོ་མ་བུ་མོའི་ཕྱོགས་སུ་གཏོར་ནས་སྨོན་འདུན་ཞུ་སྲོལ་སོགས་ཡོད་པ་རེད།
འབྲིའི་འོ་མའི་རིག་གནས་ནི་གངས་ལྗོངས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་ཡིན་ལ། བོད་རིགས་ཀྱི་བསམ་པའི་འཇིག་རྟེན་དང་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བག་ཆགས་ཟབ་མོ་བཞག་ཡོད་པས།བོད་པ་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོར་དྲིན་ཚོར་དང་ཡིད་སྨོན་གུས་བཀུར་བྱེད་ཀྱིན་ཡོད་པ་རེད། བོད་རིགས་ཀྱི་འཚོ་བ་དེ་རང་བྱུང་ཁམས་ཀྱི་འོ་མ་ལྟར་དྭངས་ཤིང་གཙང་བ་ཞིག་ཀྱང་ཡིན། འབྲིའི་འོ་མ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་འདྲ་བར་གངས་ལྗོངས་མི་རིགས་གསོ་སྐྱོང་བྱེད་ཀྱིན་ཡོད།
བོད་རིགས་འབུམ་རམས་པས་ཨ་རིའི་འབྲོག་ར་ལ་རྟོག་ཞིབ་བྱས་པ།ཁྱུང་མཆུ་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་འབྲོག་མི་ཚེ་དཔའ་ཡིས་ད་ལྟ་ཨ་རི་ན་འབུམ་རམས་པ་འདོན་བཞིན་ཡོད་པ་དང་ཁོང་ཨ་རིར་སྡོད་སྐབས་ཨ་རིའི་ས་ཁུལ་མི་འདྲ་བའི་འབྲོག་ཁུལ་དང་བཞོན་མ་གསོ་སྤེལ་ར་བར་ལྟ་སྐོར་བྱེད་མྱོང་ཡོད་པ་རེད། གཤམ་དུ་ཁོང་གི་ཨ་རིའི་འབྲོག་ཁུལ་ཀྱི་མཐོང་ཐོས་བཀོད་ཡོད།
ཨ་རིའི་གསོ་སྤེལ་ར་བའི་ནང་གི་བཟོ་གྲྭ་ཞིག་གི་ནང་དུ་བཞོན་མ་བརྒྱ་ཕྲག་ཁ་ཤས་གསོས་ཡོད།འོ་མ་ཐོན་ཚད་མཐོ་རུ་གཏོང་ཆེད། མི་རྣམས་ཀྱིས་གཟན་ཆས་གཅིག་གྱུར་གྱི་མ་རྨོས་ལོ་ཏོག་དང་རྩྭ་སྙིགས་ཉུང་ཙམ་དུ་གཏོང་དགོས་པ་མ་ཟད། འོ་མ་བཞོ་ཆས་སྤྱད་དེ་འོ་མ་ལེན་དགོས། བེའུ་བཙས་མ་ཐག་ཨ་མ་དང་ཁ་བཀར་ནས་བཟོ་ཁང་གཞན་ཏུ་བཅུག་ཏེ་མིའི་ཐབས་ཀྱི་གསོ་བཞིན་ཡོད་པ་ཡིན་ལ། ཕོ་བེའུ་ཟླ་བ་བཅུ་ལྷག་གི་ནང་དུ་གཟན་ཆས་མང་པོ་བཀོལ་ནས་གསོས་རྗེས་བཙོང་ངེས་ཡིན། ཁོ་ཚོས་དེ་ལ“འབྲོག་ཁུལ་”ཞེས་འབོད་བཞིན་ཡོད་ནའང་།དོན་དངོས་སུ་དེ་ནི་ཕྱུགས་ཟོག་གི་འཚོ་གནས་དབང་ཆ་འཕྲོག་པའི་བཟོ་གྲྭ་ཆེན་པོ་ཞིག་ཡིན་ལ། བཟོ་ལས་ཅན་གྱི་དོ་དམ་འོག་གི་བཞོན་མ་ནི་འོ་འདོན་འཕྲུལ་ཆས་ཤིག་ཙམ་རེད། ཨ་རིའི་གསོ་སྤེལ་ར་བའི་ཁོར་ཡུགགཡོན་ཕྱོགས་སུ་དེད་ཚེ་དེ་ལས་ལྷག་པའི་བརྗོད་བྱ་མང་པོ་ཀློག་ཐུབ།འོན་ཀྱང་བོད་ཁུལ་ཏུ་ནོར་གནག་ལ་ད་དུང་སྲོལ་རྒྱུན་གྱི་འཚོ་སྟངས་བཀོལ་བཞིན་ཡོད་པ་དང་། དེས་ནོར་གནག་ལ་རང་དབང་གི་འགུལ་སྐྱོད་ཐོབ་པར་མ་ཟད།ད་དུང་རྩྭ་དང་རྩི་ཤིང་ཡང་སྣ་མང་ཟ་ཐུབ་པ་རེད།འབྲོག་པ་དང་ནོར་གནག་མཉམ་གནས་ཀྱི་རྣམ་པ་དེ“བརྩེ་བ་ཅན་དུ་འགྱུར་བ”། དཔེར་ན་འོ་མ་བཞོ་བའི་སྐབས་སུ་བུད་མེད་རྣམས་ཀྱིས་འབྲི་མོ་ལ་བྱིལ་བྱིལ་བྱེད་པ་དང་ཆབས་ཅིག བཞོ་གླུ་བླངས་ནས་ནོར་གནག་གི་སེམས་ཁམས་སྐྱིད་པོ་ཡོང་བར་བྱས་ནས་འོ་མ་སྤུས་ལེགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།
འོ་མ་བཞོ་བཞིན་པའི་བོད་རིགས་བུད་མེད། འབྲེལ་ཡོད་ཞིབ་འཇུག་ལྟར་ན། བཞོན་མའི་སེམས་ཁམས་དང་ཟས་ཀྱི་འབྱུང་ཁུངས་ཀྱིས་ཐད་ཀར་འོ་མའི་རྒྱུ་སྤུས་དང་འཚོ་བཅུད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ཐ་ན་སྙན་ཞུ་ལ་ལར།བཟོ་ལས་ཅན་གྱི་དོ་དམ་ཀྱི་ཁྲོད་བཞོན་མའི་སེམས་ཁམས་དང་རྒྱུན་ལྡན་མིན་པའི་སྐུལ་རྩིའི་དབང་གིས། དེ་ལས་ཐོན་པའི་འོ་མའི་ནང་དུ་མིའི་ལུས་ཁམས་བདེ་ཐང་ལ་གནོད་པའི་རྐྱེན་རྡུལ་འདུས་ཡོད་པར་བརྗོད།
ཚེ་སྲོག་ཡོད་ཚད་ཀྱིས་རང་དབང་ལ་རེ་བ་བྱེད་བཞིན་ཡོད་པ་དང་། སྤྲོ་སྣང་དང་སེམས་ཁམས་བདེ་ཐང་གིས་ཐད་ཀར་དེའི་ཚེ་སྲོག་གི་སྤུས་ཚད་དང་ཐོན་དངོས་ལ་ཤུགས་རྐྱེན་ཐེབས་སྲིད། བོད་ཁུལ་གྱི་ནོར་གནག་གི་ཆ་སྙོམས་ཀྱི་ཚེ་ཚད་ལོ༡༥ནས༢༠བར་ཡིན་ལ།དེ་ལས་ཀྱང་རིང་བའང་ཡོད།ཡིན་ནའང་ཨ་རིའི་བཟོ་ལས་ཅན་གྱི་དོ་དམ་ཁྲོད་ཀྱི་བཞོན་མའི་ཆ་སྙོམས་ཀྱི་ཚེ་ཚད་ལོ༥ཙམ་ལས་མེད། དོ་དམ་བྱེད་སྟངས་མི་འདྲ་བ་ལས་ཐོན་པའི་འོ་མ་དེའི་སྤུས་ཚད་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།
འབུམ་རམས་པ་ཚེ་དཔའ་ཡིས་བཤད་རྒྱུར།སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྟངས་ཀྱིས་ལྗང་མདོག་གི་སྐྱེ་ལྡན་ཟས་རིགས་ངོ་མ་འདོན་སྤྲོད་བྱེད་ཐུབ། ང་ཡིས་ཕྱི་རྒྱལ་གྱི་ཕྱུགས་ལས་ཐོན་རྫས་སྣ་ཚོགས་ཀྱི་དོ་དམ་དཔེ་དབྱིབས་ལ་རྒྱུས་ལོན་བྱས་རྗེས།ད་གཟོད་བོད་ཁུལ་གྱི་སྲོལ་རྒྱུན་གྱི་འབྲོག་ལས་རིག་གནས་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པ་ཚོར་བྱུང་།མིག་སྔར་འབྲོག་ལས་ཀྱི་ཐོན་ལས་སྦྲེལ་ཐག་དེ་ཕྱི་རྒྱལ་དང་བསྡུར་ཐབས་མེད་ནའང་།ཚེ་སྲོག་ལ་བརྩི་འཇོག་བྱ་རྒྱུ་རྨང་གཞིར་བྱས་པའི་མི་གཤིས་ཅན་གྱི་དོ་དམ་ལས་ང་ཚོས་རང་ཉིད་ལ་ཕན་འདོགས་པ་དང་ཆབས་ཅིག ད་དུང་མི་གཞན་ལ་སྤུས་ལེགས་ཀྱི་འབྲོག་ལས་ཐོན་རྫས་མཁོ་འདོན་བྱེད་ཐུབ་ངེས་རེད། ཕྱི་རྒྱལ་གྱི་འབྲོག་ར་ཁ་ཤས་ཀྱིས་ད་ལྟ་ཁེ་ཕན་ཆེ་བའི་དོ་དམ་བྱེད་སྟངས་དོར་ནས་ཡང་བསྐྱར་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྟངས་སླར་གསོ་བྱེད་བཞིན་ཡོད་མོད།འོན་ཀྱང་ང་ཚོའི་བོད་ཁུལ་གྱི་ས་ཆ་ཁ་ཤས་སུ་དུས་རབས་ཀྱི་རྗེས་སུ་འབྲངས་པར་ཁ་གཡར་ནས་གཟན་ཆས་ཀྱིས་ཕྱུགས་ཟོག་གསོས་ནས་ཁེ་ཕན་སྔར་ལས་མཐོ་བ་ལེན་མགོ་རྩོམ་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད།བོད་རིགས་ས་ཁུལ་གྱི་སྣོད་བཅུད་འབྲེལ་ཐག་དང་བོད་ཀྱི་རིག་གནས་ནི་མཉམ་འདྲེས་གཞི་གཅིག་ཡིན་ལ།བཟོ་ལས་ཅན་གྱི་ཕྱུགས་ལས་བྱེད་སྟངས་ལ་ལད་མོ་བྱེད་པ་ལས་ཕྱི་རྒྱལ་གྱི་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་བྱེད་སྟངས་ལ་སློབ་སྦྱོང་བྱས་ན་དགའ།བོད་ཁུལ་གྱི་ཕྱུགས་ལས་ཐོན་རྫས་སྣ་མང་རང་བཞིན་དང་སྟབས་བདེ་ཅན་དུ་བཏང་བ་དང་ཆབས་ཅིག བོད་ཁུལ་གྱི་ཐུན་མོང་མ་ཡིན་པའི་འབྲོག་ལས་རིག་གནས་ཀྱིས་གཞན་ཕན་གྱི་བསམ་བློ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས།ས་ཆ་སོ་སོར་ལྷད་མེད་ཀྱི་སྐྱེ་ལྡན་བཟའ་བཅའ་མཁོ་འདོན་བྱ་དགོས་པ་རེད།
འོ་མའི་ཐིགས་པ་རེ་རེ་ནི་འབྲོག་རའི་སྙིང་བཅུད་ཡིན།
འབྲིའི་འོ་མའི་རིགས་ཀྱི་སྐྱེ་ལྡན་ཐོན་རྫས།
འོ་ཇ—བོད་པ་རྣམས་ཆེས་དགའ་བའི་འཐུང་བྱ།ཇ་ནག་གིས་བསྐོལ་བའི་ཇ་ཐང་ནང་འོ་མ་འོས་འཚམ་ཞིག་བླུགས་ནས་འོ་ཇ་འཐུང་བ་ནི་བོད་པ་རྣམས་ཀྱིས་ཉིན་གཅིག་གི་འཚོ་བའི་མཛད་སྒོ་ཞིག་ཏུ་གྱུར་འདུག
མར—འབྲིའི་འོ་མའི་སྙིང་བཅུད།འབྲིའི་འོ་མའི་ལས་བཏོན་པའི་མར།ཐུན་མོང་མ་ཡིན་པའི་འཚོ་བཅུད་རིན་ཐང་དང་ཟས་རིགས་གསོ་ཐབས་ཀྱི་ནུས་པ་ལྡན། དེ་ལ་བོད་ཁུལ་གྱི་གསེར་སྙི་མོའང་ཟེར།བོད་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྟེན་འབུལ་དངུལ་རྫས་དང་ཟས་མཆོག་ཡིན།
འབྲི་ཞོ་སྟེ་འབྲོག་རའི་ཆེས་རང་བྱུང་གི་འཚོ་བཅུད་ཀྱི་གྲུབ་ཆ།དེ་ལ་ཐུན་མོང་མ་ཡིན་པའི་འཚོ་བཅུད་ལྡན་པར་མ་ཟད།འོ་པགས་མཐུག་པོ་ཞིག་གིས་བཀབ་ཡོད་པ་དེ་ནི་སྤྱིར་བཏང་གི་ཞོ་དང་ཕྱི་ངོས་ཀྱི་ཁྱད་པར་ཆེས་ཆེ་བ་ཡིན།
ཞོ་ཞེས་འབོད་རུང་།བསྙལ་བའི་ཐབས་ཀྱིས་འབྲི་ཞོ་ལ་ཀ་ར་མ་བཏབ་ནའང་བྲོ་བ་མངར་མོ་ཞིག་ལྡན་པ་དང་ཆབས་ཅིག དེ་ནི་འབྲོག་རའི་ཆེས་རང་བྱུང་གི་འཚོ་བཅུད་ཡིན།
ཨ་རིགས་བོད་ཟས་ཀྱིས་ཁྱེད་རང་ལ་འབྲི་ཞོ་བཟོ་སྟངས་བསླབ།
འོ་མའི་འབྱུང་ཁུངས།ཁྱུང་མཆུ་འབྲོག་རའི་འབྲི་ཞོ་ལས་པའི་གོ་རིམ། འོ་མ་སྐོལ་རྗེས་འབྲི་ཞོ་ཉུང་ཙམ་བླུགས་ནས་ཕབས་རྩི་བྱེད་ཀྱིན་ཡོད་པ་རེད།སྲོལ་རྒྱུན་གྱི་བསྙལ་ཐབས་ལ་བརྟེན་ནས་ཞོ་རྫ་དེ་ཉལ་ཐུལ་གྱིས་བཏུམ་ནས་དུས་ཚོད་གཉིས་ཡས་མས་ལ་བཞག་ན་ཆོག
ཨ་རིགས་བོད་ཟས་ཀྱི་འོ་ཞོའི་ནང་དུ་གྲོ་མ་དང་སྐྱེ་ལྡན་སྟར་ཀ་ཡོད།
སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས།
ང་ཚོ་རིམ་བཞིན་རང་བྱུང་ཁོར་ཡུག་དང་ཁ་བྲལ་བ་ཡིན་ལ།
མཇུག་མཐར་ང་ཚོ་ཅི་ཡང་མེད་པར་འགྱུར་སྲིད་པས།
ཡང་བསྐྱར་ཁོ་མོའི་གམ་དུ་ལོག་པར་རེ་བ་བྱས་ཡོད།
往期文章
可点击图片阅读
▼
འཇར་མན་གྱི་《ཧི་མ་ལ་ཡའི་གཏེར་མཛོད་》འགྲེམ་སྟོན།
1934 ལོའི་བོད་མིའི་རྒྱུན་ལྡན་གྱི་འཚོ་བ།
མེས་པོའི་དབྱངས། | 布达拉宫廷嘎尔珠—扎西次仁
1945ལྷ་ས། | 1945植物学家拍摄的拉萨视频。
为我们讲述您的故事,您与藏地的故事
加入迦入,微信号:charuspace
བློ་འདོན་པ། ཨ་རིགས། ཚེ་དཔལ། བོ་གྲུ།
རྩོམ་པ་པོ། ཨ་ཕྱུག་མོ།
ཡིག་སྒྱུར་མཁན། དབྱངས་ཅན་ལྷ་མོ།
文章素材版权归作者所有 请勿随意转载 后果自负
合作及投稿邮箱:charuspace@163.com